Jomo Langma Lyrics
- Genre:World Music/Folklore
- Year of Release:2022
Lyrics
ཇོ་མོ་གླང་མའི་རྩེ་ལ་འགྲོ
ཇོ་མོ་གླང་མའི་རྩེ་ཡར་ལ་འགྲོ
ཇོ་མོ་གླང་མའི་རྩེ་ལ་འགྲོ་ལེ་ཡིན །
རང་གི་ཡུལ་ལ་ལྟད་མོ་བལྟ་ཁ་འགྲོ
ཡར་ཀླུང་གཙང་པོའི་ཕ་ཁ་འགྲོ
ཡར་ཀླུང་གཙང་པོའི་ཕ་ཁ་རུ་འགྲོ
ཡར་ཀླུང་གཙང་པོའི་ཕ་ཁར་འགྲོ་ལེ་ཡིན །
མ་འོངས་བོད་དེ་འཛུཊ་བསྐྲུན་བྱེད་དུ་འགྲོ
བསོ་་
ཡར་འགྲོ་ལ་དང་ཡར་འགྲོ་ལ །
ཡར་འགྲོ་ཅན་ལ་བཀྲ་ཤིས་ལོ་ལེཊ་ཡོད །
ཡར་འགྲོ་གསེར་གྱི་ལུང་པར་ལ །
རླུང་རྟ་ཡར་ལ་དར་བ་ཤོག
ཕོ་གཞོན་དར་མ་ཡིན་ན །
གཡས་ལ་རྡོག་སྒྲ་སྒྲིགས་ཤོག
མོ་གཞོན་མཛངས་མ་ཡིན་ན །
གཡོན་ལ་གླུ་དབྱངས་ལེན་ཤོག
གཡོན་ལ་གླུ་དབྱངས་ལེན་ཤོག
ལྷ་ས་ནོར་བུ་གླིང་ལ་འགྲོ
ལྷ་ས་ནོར་བུ་གླིང་ཡར་ལ་འགྲོ
ལྷ་ས་ནོར་བུ་གླིང་ལ་འགྲོ་ལེ་ཡིན
ཕྱག་ན་པདྨོའི་ཕོ་བྲང་མཇལ་དུ་འགྲོ
ཁྲི་ཤོལ་རྒྱལ་མོའི་མཐའ་ལ་འགྲོ
ཁྲི་ཤོལ་རྒྱལ་མོའི་མཐའ་ཡར་ལ་འགྲོ
ཁྲི་ཤོལ་རྒྱལ་མོའི་མཐའ་ལ་འགྲོ་ལེ་ཡིན །
དཔའ་བོ་དཔའ་མོའི་རྣམ་ཤེས་འཚོལ་དུ་འགྲོ
བསོ་་
རྟེན་འབྲེལ་བཟང་དང་རྟེན་འབྲེལ་བཟང་།
རྟེན་འབྲེལ་བཟང་པོ་ནམ་མཁའི་དབྱིངས་ནས་འཕྲོ །
ཡིད་བཞིན་ནོར་བུའི་བྱམས་བརྩེ་དེ །
མ་འགྱུར་འགྲོ་བ་ཀུན་ལ་ཁྱབ །
ཕོ་གཞོན་དར་མ་ཡིན་ན །
གཡས་ལ་རྡོག་སྒྲ་སྒྲིགས་ཤོག
མོ་གཞོན་མཛངས་མ་ཡིན་ན །
གཡོན་ལ་གླུ་དབྱངས་ལེན་ཤོག
གཡོན་ལ་གླུ་དབྱངས་ལེན་ཤོག
གླུ་
ཨ་ལ་ཐ་ལ་ཡེ་་་
ཐ་ལ་ལ་མོ་གླུ་ཡི་ལེན་ལུགས་རེད་་
གླུ་
ཨ་ལ་ཐ་ལ་ཡེ་་་
ཐ་ལ་ལ་མོ་གླུ་ཡི་ལེན་ལུགས་རེད་་
གླུ་
ཨ་ལ་ཐ་ལ་ཡེ་་་
ཐ་ལ་ལ་མོ་གླུ་ཡི་ལེན་ལུགས་རེད་་