Kyipe Nyima Lyrics
- Genre:Pop
- Year of Release:2023
Lyrics
ང་ཡི་བླ་མའི་སྐུ་ཚེ་བརྟན་པ་དང་།
སྐྱིད་པའི་ཉི་མ་བོད་ལ་ཤར་བར་ཤོག །
ང་ཚོ་ཚང་མའི་བསམ་དོན་འགྲུབ་པ་དང་།
ཆོས་ཀྱི་འཁོར་ལོ་སླར་ཡང་སྐོར་བ་ཤོག །
ས་ཕྱོགས་ཀུན་ལ་ཞི་བདེ་ཡོང་བ་དང་།
སྤྱན་རས་གཟིགས་ཀྱི་བྱིན་རླབས་འཇུག་པ་ཤོག །
དམ་ཚིག་གཙང་མ་སྔ་མར་བཞིན་གནས་པ་དང་།
ཁ་བ་ཅན་ལ་བསོད་ནམས་རྒྱས་པར་ཤོག །
ཨ་ལ་ཆང་སེ། ཨ་ལ་ཆང་སེ། ཆང་སེ་ལ་ཆང་།
ཨ་ལ་་རོང་སེ་། ཨ་ལ་རོང་སེ། རོང་སེ་ལ་རོང་།
ཨ་ལ་ཆང་སེ། ཨ་ལ་ཆང་སེ། ཆང་སེ་ལ་དང་ཆང་།
ཨ་ལ་རོང་སེ། ཨ་རོང་སེ། རོང་སེ་མ་ལ་རོང་ཡ།
ཉི་མ་སྤྲིན་པའི་འོག་ནས་དྭངས་པ་དང་།
སྡུག་གི་མུན་པ་མྱུར་དུ་གསལ་བར་ཤོག །
ལུས་སེམས་གཉིས་ལ་བདེ་སྐྱིད་ཐོབ་པ་དང་།
བསྐལ་པ་བཟང་བའི་དུས་ཤིག་ཤར་བར་ཤོག །
ང་ཡི་བླ་མའི་སྐུ་ཚེ་བརྟན་པ་དང་།
སྐྱིད་པའི་ཉི་མ་བོད་ལ་ཤར་བར་ཤོག །
ང་ཚོ་ཚང་མའི་བསམ་དོན་འགྲུབ་པ་དང་།
ཆོས་ཀྱི་འཁོར་ལོ་སླར་ཡང་སྐོར་བ་ཤོག །
ཨ་ལ་ཆང་སེ། ཨ་ལ་ཆང་སེ། ཆང་སེ་ལ་ཆང་།
ཨ་ལ་་རོང་སེ་། ཨ་ལ་རོང་སེ། རོང་སེ་ལ་རོང་།
ཨ་ལ་ཆང་སེ། ཨ་ལ་ཆང་སེ། ཆང་སེ་ལ་དང་ཆང་།
ཨ་ལ་རོང་སེ། ཨ་རོང་སེ། རོང་སེ་མ་ལ་རོང་ཡ།